• Audience /w Dalai Lama

    Javits Center 655 W 34th St, New York, NY, United States

    ༈ རིང་མིན་ཕྱི་ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རིགས་མང་ཚོགས་ལ་ཞལ་མཇལ་བླང་དོར་བཀའ་སློབ་དང་། རིག་གཞུང་འཁྲབ་སྟོན་ཉིན་གྱི་ཕྱག་ཁྱེར་ཁག་ཚོང་འགྲེམས་ཀྱི་འགོ་འཛུགས་ཕྱི་ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༨ ནས་ དགོང་དྲོའི་ཆུ་ཚོད་ ༧ པ་བར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞི་ནང་ཞུ་རྒྱུ་དང་། ཕྱག་ཁྱེར་རེར་ཨ་སྒོར་ ༡༢༥ རེ་དང་། ཨ་སྒོར་ ༡༠༠ རེ། ཨ་སྒོར་ ༧༥ རེ། ཨ་སྒོར ༤༠ རེ་བཅས་བྱས་པ་ཡོད་ཅིང་། ཕྱག་ཁྱེར་གཟིགས་པར་འབྱོར་སྔོན་རིམ་བཞིན་ཞབས་བཀྱགས་མདུན་ངོས་ནས་རིམ་འབུལ་ཞུ་རྒྱུ་ཡིན། དེ་ཡང་མི་རེ་ནས་མང་མཐའ་ཕྱག་ཁྱེར་གྲངས་བཅུ་རེ་སྡེབ་གཟིགས་གནང་ཆོག་ཅིང་ཕྱག་ཁྱེར་རིན་འབབ་དངུལ་རྐྱང་དང་། ཕྱག་ཁྱེར་གཟིགས་མཁན་སུ་ཡིན་ཀྱང་མངའ་སྡེ་གཞུང་ནས་གནང་བའི་ངོ་སྤྲོད་ལག་ཁྱེར་ངོ་མ་མིག་སྟོན་ཆེད་མཉམ་ཁྱེར་དགོས་པ་དེ་དོན་དགོངས་འཇགས་ཞུ། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་ནས་ཕྱི་ཟླ་ ༩ ཚེས་ ༩ ལ། Tibetan Community of New York & New Jersey is pleased to announce an audience with His Holiness the 14th...

    $40
  • 25th Ann. of Nobel Prize for H.H. The Dalai Lama

    Armenian Church 630 Second Avenue, New York, NY, United States

    Tibetan Community of New York & New Jersey is organizing the 25th Anniversary of the conferment of the Nobel Peace Prize to His Holiness the 14th Dalai Lama on Saturday, December 13, 2014 at Armenian Church, New York. ༅། །རྒྱལ་གཅེས་ལྷག་བསམ་མཚུངས་མེད་ནེའུ་ཡོག་དང་ནེའུ་འཇར་སི་ཁུལ་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་གྱི་དགྱེས་སྟོན་མཛད་སྒོ་ཕྱི་ཟླ་ ༡༢ ཚེས་ ༡༣ རེས་གཟའ་སྤེན་པ་ཉིན་སྔ་དྲོའི་ཕྱག་ཚོད་ ༩ པ་ནས་མཚན་གྱི་ཕྱེད་ཡོལ་ཕྱག་ཚོད་ ༢ པ་བར་ཚོགས་ཁང་ Armenian Church 35th Street 2nd...

    Free
  • Tibetan Wood – Sheep Losar 2015

    Armenian Church 630 Second Avenue, New York, NY, United States

    ལོ་གསར་མཛད་སྒོ་ནམ་ཚུགས་ཀྱི་གསལ་བསྒྲགས ། Tibetan Wood-Sheep Losar 2015 ! ༄༅། །རྒྱལ་གཅེས་རིགས་ཞེན་ལྷག་བསམ་དར་དཀར་ཡུག་གཅིག་ནིའུ་ཡོག་དང་ནིའུ་འཇར་སི་སེར་སྐྱ་མི་མང་ཡོངས་ཀྱི་སྤྱན་ལམ་དུ། ཆེད་འབུལ། བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་མོ་ལུག་གི་གནམ་ལོ་གསར་དུ་བཞད་པའི་བཀྲ་ཤིས་དགྱེས་སྟོན་གྱི་གཞུང་འབྲེལ་མཛད་སྒོ་གུང་གསེང་སྟབས་བསྟུན་ལོ་གསར་ཚེས་གསུམ་ཉིན་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་སྔ་དྲོའི་ཆུ་ཚོད་ ༩ ནས་འགོ་འཛུགས་ཀྱིས་ཉིན་འཁྱོངས་ཨར་མེ་ནི་ཡན་ཅར་ཆེ་ཚོགས་ཁང་(Armenian Church 35th Street 2nd Avenue) ནང་ཟབ་རྒྱས་ངང་འཚོགས་རྒྱུ་ཡིན་ལགས་ན། དེ་ཉིན་སེར་སྐྱ་མི་མང་རྒན་གཞོན་བར་གསུམ་ཚང་མ་དུས་ཐོག་དགྱེས་ཕེབས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་གིས། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༠ ལ་ཕུལ། Tibetan Community of New York & New Jersey is organizing this year "Tibetan Wood-Sheep Losar 2015" public gathering...

    Free
  • H.H. Gyalwa Karmapa Confers Teaching and Public Talk

    Hunter College Assembly Hall 69th St & Lexington Ave, New York, NY, United States

    ༄། །མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། ཉེ་ཆར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འདི་ཁུལ་ཆིབས་ཞལ་བསྒྱུར་པའི་སྐབས་དང་བསྟུན་ཆེད་དུ་མཇལ་བཅར་གྱིས་འདི་ཁུལ་རང་རིགས་རྣམས་ལ་བླང་དོར་ལམ་སྟོན་བཀའ་སློབ་བམ། མདོ་སྔགས་ཀྱི་ཟབ་ཆོས་གང་འགབ་ཅིག་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་སྐྱོང་ཅི་ནས་ཡོང་བ་ཞེས་ཇི་ལྟར་གསེར་སྙན་སྒྲོན་འབུལ་ཞུས་དོན་བཞིན། ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་བཀའ་བཟང་བཀའ་དྲིན་ཆེ་ཐོབ་ཀྱིས་ཕྱི་ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས་ཉིན་གྱི་དགོང་དྲོའི་ཕྱག་ཚོད་ ༠༦:༣༠ ནས་དབུ་འཛུགས་ཀྱིས་བླང་དོར་ལམ་སྟོན་གྱི་བཀའ་སློབ་དང་། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་བཀའ་ཆོས་ཟབ་མོའི་ཆོས་འབྲེལ་སྩོལ་གཏན་ཁེལ་སོང་ལགས་ན། ཚང་མ་ Hunter College Assembly Hall (69th Street & Lexington Ave) ཚོགས་ཁང་དུ་དུས་ཐོག་བཅར་འཛོམས་ཡོང་བའི་གསལ་བསྒྲགས་སུ། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་གིས། ཕྱི་ལོ་༢༠༡༥ ཟླ་ ༤ ཚེས་ ༡ བཟང་པོར་ཕུལ། -ཞབས་སྟེགས་ཕྱག་འཁྱེར་དོད་ཨ་སྒོར་ ༣༠ ཅན་དང་། ཨ་སྒོར་ ༢༥ ཅན་བཅས་རིམ་པ་གཉིས་ཡོད། -ཕྱག་ཁྱེར་ཚོང་ཡུལ། སྤྱི་ཁང་ཕུན་ཚོགས་སྡེ་བཞིར་ཉིན་ལྟར་༼༢༠༡༥-༤-༣ ནས་ ༢༠༡༥-༤-༨ བར༽དགོང་དྲོའི་ཆུ་ཚོད་ ༦ པ་ནས་ཆུ་ཚོད་ ༨ པ་བར་ཚོང་འགྲེམས་ཞུ་གི་ཡོད། Tibetan Community of New York & New Jersey would...

    $25
  • Public Talk By H.E Kasur Prof. Samdhong Rinpoche

    Sunnyside Community Hall 41-20 Queens Boulevard, Sunnyside, New York

    ༄། མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་རང་རིགས་སེར་སྐྱ་བགྲེས་གཞོན་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། བཀའ་ཁྲི་ཟུར་པ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འདི་ཁུལ་ན་གཞོན་གཙོ་བོར་གྱུར་པའི་རང་རིགས་མི་མང་ཡོངས་ལ་གཉན་འཕྲང་ཅན་གྱི་དེང་གི་དུས་ཚོད་འདིར་ཆོས་དང་འཇིག་རྟེན་ལུགས་ཀྱི་བླང་དོར་འཇུག་ལྡོག་ཇི་ལྟར་ཞུ་དགོས་མཆིས་མིན་སྐོར་བཀའ་སློབ་གསུང་བཤད་གནང་སྐྱོང་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་བཀའ་དྲིན་ཆེ་ཐོབ་ཀྱིས་ཕྱི་ལོ་༢༠༡༥ ཟླ་ ༤ ཚེས་ ༡༧ ཉིན་གྱི་དགོང་དྲོ་ཕྱག་ཚོད་ ༦:༣༠ ནས་ ༨:༣༠ བར་གནང་གཏན་འཁེལ་སོང་ལགས་ན་ཚང་མ་ 41-20 queens boulevard ཚོགས་ཁང་དུ་དུས་ཐོག་ངེས་ཕེབས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ལ། Tibetan Community of New York & New Jersey has organized a “Public Talk” by H.E. Kasur Prof. Samdhong Rinpoche on Friday, April 17, 2015 from 06:30pm-08:30pm at Sunnyside Community Hall, 41-20...

    Free
  • NATA Dance Competition

    Armenian Church 630 Second Avenue, New York, NY, United States

    ༄། །མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། བྱང་ཨ་རིའི་བོད་མིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་བསྟར་འབུལ་སྐབས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་ཆེད་བྱང་ཨ་རིའི་མངའ་སྡེ་ཁག་ནང་གནས་བཞུགས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཟློས་གར་པ་རུ་ཁག་གཉིས་རེ་དང་། དེ་བཞིན་མངའ་སྡེ་རེ་ནས་མི་རྒན་པའི་ཁོངས་ནས་གཞས་སྣ་འཁྲབ་སྟོན་པ་རུ་ཁག་རེ་བཅས་འགྲན་བསྡུར་གྱིས་རྩེ་ཕུད་འདེམས་ཐོན་རུ་ཁག་གསུམ་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཉིན་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་གནང་རྒྱུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་གཏན་འབེབས་གནང་བ་ལྟར་ཕྱི་ཟླ་༧ ཚེས་ ༨ ཉིན་དགོང་དྲོ་ཆུ་ཚོད་ ༥ ནས་ Armenian church ཚོགས་ཁང་ནང་འགྲན་བསྡུར་གཟིགས་འབུལ་ཞུ་རྒྱུ་དང་། དེ་ཉིན་ཡོང་འབབ་ཇི་བྱུང་སྤྱི་ཁང་བཟོ་བཅོས་ཆེད་འགྲོ་སོང་གཏོང་འཐུས་བཀའ་ཁྲོལ་གནང་ཐོབ་བྱུང་སོང་ལགས་ན་དེ་ཉིན་མི་མང་ཚང་མ་གཟིགས་མོར་ངེས་ཕེབས་གནང་སྐྱོང་ཡོང་བ་ཞུ། North American Tibetan Associations dance Competition for 2015 North America Gratitude Tenshug to His Holiness The Dalai Lama. The final three groups winner will get an opportunity to perform their dances in the presence of His Holiness The Dalai Lama on...

    $30
  • North American Gratitude Tenshug

    Javits Center 655 W 34th St, New York, NY, United States

    For Detail info visit http://dalailamabirthday.net

    $50
© 2025 The Tibetan Community of New York & New Jersey Inc. | All Rights Reserved.