Loading Events

Past Events

Find Events

Event Views Navigation

Events List Navigation

April 2015

17
April
6:30 pm — 8:30 pm
@ Sunnyside Community Hall
Join

Public Talk By H.E Kasur Prof. Samdhong Rinpoche

༄། མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་རང་རིགས་སེར་སྐྱ་བགྲེས་གཞོན་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། བཀའ་ཁྲི་ཟུར་པ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འདི་ཁུལ་ན་གཞོན་གཙོ་བོར་གྱུར་པའི་རང་རིགས་མི་མང་ཡོངས་ལ་གཉན་འཕྲང་ཅན་གྱི་དེང་གི་དུས་ཚོད་འདིར་ཆོས་དང་འཇིག་རྟེན་ལུགས་ཀྱི་བླང་དོར་འཇུག་ལྡོག་ཇི་ལྟར་ཞུ་དགོས་མཆིས་མིན་སྐོར་བཀའ་སློབ་གསུང་བཤད་གནང་སྐྱོང་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་བཀའ་དྲིན་ཆེ་ཐོབ་ཀྱིས་ཕྱི་ལོ་༢༠༡༥ ཟླ་ ༤ ཚེས་ ༡༧ ཉིན་གྱི་དགོང་དྲོ་ཕྱག་ཚོད་ ༦:༣༠ ནས་ ༨:༣༠ བར་གནང་གཏན་འཁེལ་སོང་ལགས་ན་ཚང་མ་ 41-20 queens boulevard ཚོགས་ཁང་དུ་དུས་ཐོག་ངེས་ཕེབས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ལ། Tibetan Community of New York & New Jersey has organized a “Public Talk” by H.E. Kasur Prof. Samdhong Rinpoche on Friday, April 17, 2015 from 06:30pm-08:30pm at Sunnyside Community Hall, 41-20 Queens Boulevard, Sunnyside, New York 11104.

July 2015

08
July
July 8, 2015 5:00 pm — July 9, 2015 2:00 am
@ Armenian Church
Join

NATA Dance Competition

༄། །མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་གསོལ། བྱང་ཨ་རིའི་བོད་མིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་བསྟར་འབུལ་སྐབས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་ཆེད་བྱང་ཨ་རིའི་མངའ་སྡེ་ཁག་ནང་གནས་བཞུགས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཟློས་གར་པ་རུ་ཁག་གཉིས་རེ་དང་། དེ་བཞིན་མངའ་སྡེ་རེ་ནས་མི་རྒན་པའི་ཁོངས་ནས་གཞས་སྣ་འཁྲབ་སྟོན་པ་རུ་ཁག་རེ་བཅས་འགྲན་བསྡུར་གྱིས་རྩེ་ཕུད་འདེམས་ཐོན་རུ་ཁག་གསུམ་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཉིན་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་གནང་རྒྱུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་གཏན་འབེབས་གནང་བ་ལྟར་ཕྱི་ཟླ་༧ ཚེས་ ༨ ཉིན་དགོང་དྲོ་ཆུ་ཚོད་ ༥ ནས་ Armenian church ཚོགས་ཁང་ནང་འགྲན་བསྡུར་གཟིགས་འབུལ་ཞུ་རྒྱུ་དང་། དེ་ཉིན་ཡོང་འབབ་ཇི་བྱུང་སྤྱི་ཁང་བཟོ་བཅོས་ཆེད་འགྲོ་སོང་གཏོང་འཐུས་བཀའ་ཁྲོལ་གནང་ཐོབ་བྱུང་སོང་ལགས་ན་དེ་ཉིན་མི་མང་ཚང་མ་གཟིགས་མོར་ངེས་ཕེབས་གནང་སྐྱོང་ཡོང་བ་ཞུ། North American Tibetan Associations dance Competition for 2015 North America Gratitude Tenshug to His Holiness The Dalai Lama. The final three groups winner will get an opportunity to perform their dances in the presence of His Holiness The Dalai Lama on July 10th, 2015 at Javits Center, New York.

09
July
July 9, 2015 9:30 am — July 10, 2015 4:30 pm
@ Javits Center
Join

North American Gratitude Tenshug

For Detail info visit http://dalailamabirthday.net

10
July
July 10, 2015 6:00 pm — July 11, 2015 2:00 am
@ Armenian Church
Join

80th Birthday Of H.H. The Dalai Lama – Day 1

༄༅།། མཚུངས་མེད་བྱང་ཨ་རིའི་བོད་མི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་འབུལ་ལམ་ཞུ་བར་ཞབས་བཅར་གནང་མཁན་ཡོངས་དང་། འདི་ཁུལ་གཏན་བཞུགས་མི་མང་ཡོངས་ཀྱི་སྙན་ལམ་དུ། སྟབས་གསོལ། ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པ་ོམཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་ལ་ངོམ་པ་མེད་པར་དགའ་སྐྱིད་ཀྱི་དཔལ་ལ་ཅི་དགར་རོལ་ཕྱིར་དུ་འདི་ག་ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ལྷན་ཐུན་མོང་ནས Armenian church ཚོགས་ཁང་ནང་སྤྲོ་ཚོགས་ཁག་གཉིས་གོ་སྒྲིག་ཞུས་ཡོད་པའི་ཁོངས་ནས་ཕྱི་ཟླ་༧ ཚེས་ ༡༠ རེས་གཟའ་པ་སངས་དགོང་དྲོ་ཆུ་ཚོད་ ༦ ནས་ཕྱེད་ཡོལ་མཚན་གྱི་ཆུ་ཚོད་ ༢ པ་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་མ་སྟོད་གཞས་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་དང་ཆབས་ཅིག སྒོར་གཞས་དང་། མཉམ་གཞས་ཁག་རྒན་གཞོན་བར་གསུམ་ཡོངས་ནས་མཉམ་ཞུགས་གནང་འཐུས་གོ་སྒྲིག་ཞུས་ཡོད་ལགས་པ་དང། ཕྱི་ཟླ་༧ ཚེས་ ༡༡ རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༦ ནས་ཕྱེད་ཡོལ་མཚན་གྱི་ཆུ་ཚོད་ ༢ པ་བར་གཞས་པ་གཞས་མ་གྲགས་ཅན་ཁག་ཅིག་ནས་དེང་དུས་ཀྱི་རྐྱང་གཞས་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་དང་ཆབས་ཅིག་ནུབ་ཕྱོགས་པའི་གཞས་དང་ཞབས་བྲོར་ཚང་མ་ཅི་དགར་རོལ་འཐུས་གོ་སྒྲིག་ཞུས་ཡོད་ལགས་ན་ཚང་མ་དགྱེས་ཕེབས་ཅི་ནས་ཡོང་བ་ཞུ། ཕྱི་ལོ་༢༠༡༥ ཟླ་ ༥ ཚེས་ ༢༩ ལ། Tibetan Community of NY&NJ and Regional Tibetan Youth Congress of NY& NJ are jointly organizing the 80th birthday celebrations of His Holiness the Dalai Lama on July 10th & 11, 2015( Friday & Saturday) from 06pm to 02am at Armenian church, New York.

11
July
July 11, 2015 6:00 pm — July 12, 2015 2:00 am
@ Armenian Church
Join

80th Birthday Celebration of H.H. The Dalai Lama – Day 2

September 2015

25
September
6:00 pm — 8:00 pm
@ Phuntsok Deshe Hall
Join

Public Talk by Paljor Kalon Mr. Tsering Dhondup

གལ་ཆེའི་གསལ་བསྒྲགས། Imp Announcement- ༄། །མཚུངས་མེད་ནིའུ་ཡོག་དང་ནིའུ་འཇར་སི་མི་མང་ཡོངས་ཀྱི་སྙན་ལམ་དུ། ཆེད་ཞུ། ཕྱི་ ཟླ་ ༩ ཚེས་ ༨ ཉིན་གསལ་བསྒྲགས་ཞུས་པ་བཞིན་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་རྙོག་ཡོད་རིགས་གཙང་བཟོའི་སླད། རང་གཞུང་དཔལ་འབྱོར་བཀའ་བློན་མཆོག་དང་། ཕྱག་རོགས་ལས་བྱེད་ཅེིག་བཅས་ཕྱི་ཟླ་ ༩ ཚེས་༢༥ ཉིན་འདི་ག་ནིའུ་ཡོག་ཏུ་ཆིབས་བསྒྱུར་གྱིས་དེ་ཉིན་དགོང་དྲོ་ཆུ་ཚོད་༦ ཐོག་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་ནང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་མི་མང་ལ་བཀའ་སློབ་གསུང་བཤད་གནང་རྒྱུར་སེར་སྐྱ་མི་མང་སྤྱི་དང་། ལྷག་པར་དཔྱ་ཁྲལ་ལག་དེབ་མིང་བསྒྱུར་དང་། ནོར་བཅོས། བོར་བརླག་སོང་བ། གསར་བཟོ་དགོས་རིགས་རྣམས་དེ་ཉིན་དགོང་དྲོའི་ཆུ་ཚོད་ ༥:༣༠ འགྱངས་མེད་ངེས་འཛོམས་དགོས་པ་དང་། གོང་གསལ་ལག་དེབ་དཀའ་རྙོག་ཡོད་རིགས་ལ་རྒྱབ་རྟེན་ཡིག་ཆ་དང་། ཆ་རྐྱེན་གཞན་བཅས་ཇི་དགོས་ལམ་སྟོན་ཡིག་ཆ་ཟུར་དུ་ཡོད་པ་འདི་གའི་དྲྭ་རྒྱ་དང་། ངོ་དེབ་གཉིས་ཀའི་ནང་གཟིགས་རྒྱུ་ཡོད་པ་ནང་གསལ་གྲ་སྒྲིག་ཨང་གསར་གྱིས་གཏང་ཆོག་གནང་སྟེ་བཞུགས་གནང་དགོས་པ་དང་། གལ་ཏེ་ངོ་དེབ་སོགས་གཟིགས་མི་ཐུབ་མཁན་རྣམས་ལ་ད་དུང་གསལ་པོ་མ་ཆགས་ཚེ་རེས་གཟའ་པ་སངས་སྤེན་པ་ནམ་ཡིན་གྱི་དགོང་དྲོ་སྤྱི་ཁང་ནས་ལམ་སྟོན་ཕྱོགས་སྒྲིག་གི་ཡིག་ཆ་མཁོ་སྤྲོད་ཞུ་་འཐུས་ཆོག་པ་དེ་དོན་དགོངས་འཇགས་ཞུ། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་གིས། ཕྱི་ལོ་༢༠༡༥།༩།༡༠ ལ། This is to inform to the Tibetans in NY & NJ that Paljor Kalon Mr. Tsering Dhondup la and his assistant Ms. Kalsang Chodon la will be visiting New York on September 25 to 29, 2015. During their visit, TCNYNJ’s organized “Public Talk” by Paljor Kalon Tsering Dhondup on…

February 2016

13
February
All Day
@ Armenian Church
Join

Tibetan Losar (New Year)

༄༅། །རྒྱལ་གཅེས་རིགས་ཞེན་ལྷག་བསམ་དར་དཀར་ཡུག་གཅིག་ནིའུ་ཡོག་དང་ནིའུ་འཇར་སི་སེར་སྐྱ་མི་མང་ཡོངས་ཀྱི་སྤྱན་ལམ་དུ། ཆེད་འབུལ། བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་ཕོ་སྤྲེལ་ལོའི་གནམ་ལོ་གསར་དུ་བཞད་པའི་བཀྲ་ཤིས་དགྱེས་སྟོན་གྱི་མཛད་སྒོ་གུང་གསེང་སྟབས་བསྟུན་ལོ་གསར་ཚེས་ལྔ་ཉིན་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༣ རེས་གཟའ་སྤེན་པ་ཉིན་སྔ་དྲོའི་ཆུ་ཚོད་ ༩ ནས་འགོ་འཛུགས་ཀྱིས་ཉིན་འཁྱོངས་ཨར་མེ་ནི་ཡན་ཅར་ཆེ་ཚོགས་ཁང་(Armenian Church 35th Street 2nd Avenue) ནང་གཟབ་རྒྱས་ངང་འཚོགས་རྒྱུ་ཡིན་ལགས་ན། དེ་ཉིན་སེར་སྐྱ་མི་མང་རྒན་གཞོན་བར་གསུམ་ཚང་མ་དུས་ཐོག་དགྱེས་ཕེབས་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཐུན་མོང་གིས། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༦ ལ་ཕུལ། Tibetan Community of New York & New Jersey is organizing this year Tibetan Losar(year of fire-monkey 2143) public gathering on Saturday, February 13, 2016 at Armenien Church, New York. We have a whole day programs starting from morning 9am to 2am. Save the date and bring your friends and family…

March 2016

10
March
8:00 am — 5:00 pm
@ United Nations
Join

October 2016

16
October
1:00 pm — 5:00 pm
@ Bellizino
Join

January 2017

28
January
7:00 pm
@ Bellizino
Join
+ Export Events