
Events Search and Views Navigation
Events List Navigation
March 2017
July 2017
January 2018
H. H. The 17th Gyalwang Karmapa Empowerment
༄༅། བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པར་བཀའ་བཞེས་ཐོབ་སྟེ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གཤམ་གསལ་ས་གནས་དང་དུས་ཚེས་ཐོག་སེར་སྐྱ་མི་མང་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་དང་བླང་དོར་བཀའ་སློབ་བཀྲིན་སྩལ་རྒྱུའི་གསལ་བསྒྲགས་སུ།། We are extremely happy to announce that His Holiness the 17th Gyalwang Karmapa Ogen Trinley Dorjee has graciously accepted to grant sacred Drupthop (The Realised One) Thang Thong Gyalpo’s Tsewang to the Tibetan & Himalayan communities in New York & New Jersey. TICKET DETAILS: ༄༅། བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ལ་འདི་ག་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་བཀྲིན་སྨིན་སྩལ་གྱིས་ཕྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༢༨ ཉིན་༧རྒྱལ་དབང་མཆོག་ནས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་དང་མི་མང་ལ་བཀའ་སློབ་མཛད་འཆར་གྱི་ཕྱག་ཁྱེར་ཕྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༡༣ ཉིན་ནས་ཚོང་འགྲེམས་ཞུ་རྒྱུ་ལགས་ན། དད་ལྡན་མི་མང་ཡོངས་ནས་གཤམ་གསལ་ཟླ་དུས་དང་ཞལ་བྱང་དུ་ཕྱག་ཁྱེར་གཟིགས་ཆེད་ཕེབས་གནང་ཡོང་བ་ཞུ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཕྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༡༡ ལ་ཕུལ། His Holiness The 17th Gyalwang Karmapa…
February 2018
July 2018
December 2018
October 2020
༄༅། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོའི་དཔལ་སེ་ར་བྱེས་ཆོས་ཚོགས་ཀྱི་དབུ་བླ་སྤ་རི་རིན་པོ་ཆེ་མཆོག་ཕེབས་གཏན་འཁེལ་ཅིང་།
༄༅། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོའི་རེས་གཟའ་ལྷག་པ་ལྔ་པ། སང་ཉིན་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༡ ཉིན་སྔ་དྲོའི་ཚོུད་ ༩:༠༠ ཐོག དཔལ་སེ་ར་བྱེས་ཆོས་ཚོགས་ཀྱི་དབུ་བླ་སྤ་རི་རིན་པོ་ཆེ་མཆོག་ཕེབས་གཏན་འཁེལ་ཅིང་། དེ་ཉིན་༧རྒྱལ་བའི་ཞབས་རིམ་དང་། ཉིན་ཤས་སྔོན་འཇིག་རྟེན་འདི་ནས་ཕྱི་མའི་སྔ་ལམ་དུ་འགྱུར་བ་རྒྱལ་གཅེས་དཔའ་བོ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གཙོས་པའི་བོད་བསྟན་སྲིད་མི་རིགས་ཀྱི་བདེ་ཐབས་སླད་རིན་བྲལ་རང་གི་སྐུ་ལུས་ཀྱང་འཕང་མེད་མེར་མཆོད་ཕུལ་མཁན་བོད་ཀྱི་དཔའ་བོ་དང་དཔའ་མོ་ཡོངས་དང་། དེ་བཞིན་རྒྱ་གུང་བྲན་གྱི་བཙན་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་འོག་དུས་མིན་རྐྱེན་འདས་སོང་བ་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདོན་རྒྱུ།